Medic-Help Asyl
  • ནད་བྱུང་ཚེ་ཅི་ལྟར་བྱེད་དགོས།
    ན་ཟུག་ལངས་པ།
    ནད་རིགས།
    ལུས་ཁམས་བདེ་ཐང་།
    སི་ཝེས་ཙེར་གྱི་སྨན་བཅོས་ཁམས་སྲུང་།
    འཇུག་སྒོའི་ཆ་འཕྲིན།
    icon-sprache.png
    • English
    • Deutsch
    • Français
    • Italiano
    • Shqip (Albanisch)
    • Bamanakan (Bambara)
    • Fulani
    • Igbo
    • Hrvatski (Kroatisch)
    • Kurmancî
    • Lingala
    • Mandinŋo (Mandinka)
    • Português (Portugiesisch)
    • Română (Rumänisch)
    • Soomaali
    • Español
    • Kiswahili
    • Türkçe (Türkisch)
    • Twi
    • Wolof
    • العربية (al-Arabiya)
    • کوردی (Badini)
    • درى (Dari)
    • فارسى (Farsi)
    • پشتو (Paschtun)
    • پنجابی (Punjabi)
    • کوردیی ناوەڕاست (Sorani)
    • اردو (Urdu)
    • български (Bulgarisch)
    • Монгол (Mongolisch)
    • Українська (Ukrainisch)
    • русский (Russisch)
    • Հայերեն (Armenisch)
    • አማርኛ (Amharisch)
    • ትግርኛ (Tigrinnya)
    • ქართული (Georgian)
    • தமிழ் (Tamil)
    • བོད་སྐད (Tibetisch)
  • Für Betreuende:

  • དེབ་རྟགས་དང་འབྲེལ་གཏུག་བྱེད་སྟངས།

    གནས་ཚུལ། 2018ལོའི་ཟླ1པོར།

  • ན་ཟུག་ལངས་པ།
  • གློ་ལུ་བ།
  • ཚ་བ་རྒྱས་པ།
  • གྲང་རྔུལ་ཐོན་པ།
  • པགས་འབྲུམ་དང་ཟ་འཕྲུག་ལངས་པ།
  • རྨ་ཁ་ཡོད་པ།
  • ཁོག་པ་བཤལ་བ།
  • སྐྱུག་པ།
  • གཉིད་མི་ཁུག་པ་དང་སེམས་ཁྲལ་ཆེ་བ། ན་ཟུག་ལངས་པ།
  • ན་ཚ་གཞན་དག
Beschwerden.png

འདི་ནས་ཁྱོད་ལ་ཆེས་གལ་ཆེ་བའི་འགོས་ནད་དག་གི་ནད་རྟགས་མཚམས་སྦྱོར་བྱ།  གཙོ་བོ་ནི་ཁྱོད་ཀྱིས་ནད་བཅོས་བྱེད་རྒྱུ་དེ་རེད། དེའི་ཁྱོད་ཀྱི་བདེ་ཐང་དང་འགོས་ནད་མི་གཞན་པར་འགོས་པར་འགོག་ཐུབ།

Icon_Medic_Help.png

གལ་ཏེ་ཁྱོད་ལ་ན་ཚ་དང་ལུས་པོ་མི་བདེ་ཚེ། Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

Husten.png

གློ་ལུ་བ་ནད་རིགས་འདྲ་མིན་ནད་རྟགས་ཤིག་རེད།  མང་ཆེ་བའི་ཞིག་ཆམ་པ་རེད།  ལམ་རེ་འགོས་ནད་ཀྱི་ནད་རྟགས་ཀྱང་རེད།

Icon_Medic_Help.png

གལ་ཏེ་རྒྱུན་པར་གློ་ལུ་བ་དང་གློ་ལུ་བ་ཚབས་ཆེ་ཚེ་ཁྱོད་ཀྱིསMedic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

གློ་ལུ་བ་ནི་ནད་རིགས་མི་འདྲ་བའི་ནད་རྟགས་རེད།  གཤམ་གྱི་ནད་རིགས་དག་ལ་ཡང་ཡོད།

འདུས་འདྲིལ་གཅོང་ནད།

སིབ་བི།

Fieber.png

ལུས་དྲོད་་རྒྱུན་ལྡན་མིན་ཚེ། ཚ་བ་རྒྱས་ཡོད་སྲིད། དེ་ནི་འགོས་ནད་ཀྱི་ནད་རྟགས་ཅིག་ཡིན།

Icon_Medic_Help.png

གལ་ཏེ་ཁྱོད་ལ་ཚ་བ་རྒྱས་ཚེ།  Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

Icon_Medic_Help.png

གལ་ཏེ་ཁྱོད་ཀྱི་བྱིས་པ་ཚ་བ་རྒྱས་ཚེ། མྱུར་མོར་Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

Icon_Trinken.png

ཆུ་མང་པོར་འཐུང་རྒྱུ་ཇ་ཉུང་ཉུང་འཐུང་རྒྱུ། ལུས་ཐང་ཆད་དྲག་པར་འཛེམ་རོགས།

ཚ་བ་རྒྱས་པ་ནི་ནད་རིགས་མི་འདྲ་བའི་ནད་རྟགས་རེད། གཤམ་གྱི་ནད་རིགས་དག་ལ་ཡང་ཡོད།

འདུས་འདྲིལ་གཅོང་ནད།

ཆུ་ཐོར།

སིབ་བི།

Nachtschweiss.png

ཚ་བའི་དབྱར་ཁ་རྔུལ་ཆུ་འདོན་པ་རྒྱུན་ལྡན་རེད། དེ་བཞིན་མལ་ཁང་གི་དྲོད་རླངས་ཆེ་ཚེ་ཡང་རྔུལ་ཆུ་འདོན་ངེས། དྲོད་གྲང་རྒྱུན་ལྡན་ཡིན་པས་ཆ་ནས་མཚན་མོར་རྔུལ་ཆུ་བཏོན་ཚེ་འགོས་ནད་རང་བཞིན་ན་ཚ་བྱུང་བའི་རྟགས་ཡིན།

Icon_Medic_Help.png

གལ་ཏེ་ཁྱོད་ལ་རྔུལ་ཆུ་འདོན་པ་ལས་གཞན་ད་དུང་ཚ་བ་རྒྱས་པ།  ཤ་རིད་པ་སོགས་ཀྱི་གནས་ཚུལ་ཡོད་ཚེMedic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

རྔུལ་ཆུ་འདོན་པ་ནི་ནད་རིགས་མི་འདྲ་བའི་ནད་རྟགས་རེད། གཤམ་གྱི་ནད་རིགས་དག་ལ་ཡང་ཡོད།

འདུས་འདྲིལ་གཅོང་ནད།

Hautauschlag.png

པགས་འབྲུམ་བྱུང་ཚེ། ལུས་པགས་སྟེང་ཤ་བཀྲ་དམར་པོའམ་ཆུ་ཝུ། ལུས་པགས་སྐམ་པོ། སག་ལྷེབ་སོགས་ཟ་འཕྲུག་ཆེན་པོ་ལངས་ཚེ་འགོས་ནད་རང་བཞིན་ན་ཚ་བྱུང་བའི་རྟགས་ཡིན།

Icon_Medic_Help.png

ཁྱོད་ལ་པགས་འབྲུམ་དང་ཟ་འཕྲུག་བྱུང་ཚེ། Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

པགས་འབྲུམ་དང་ཟ་འཕྲུག་ལངས་པ་ནི་ནད་རིགས་མི་འདྲ་བའི་ནད་རྟགས་རེད། གཤམ་གྱི་ནད་རིགས་དག་ཡང་ཡོད།

གཡན་པ།

ཆུ་ཐོར།

སིབ་བི།

Offene_Hautwunden.png

བཅད་པ། ཕྱིས་པའམ་སོགས་ལུས་པགས་ལ་རྨ་ཁ་བྱུང་ཚེ། རྨ་ཁ་མ་སེལ་ཚེ་མཉམ་འཇོག་བྱེད་དགོས།

Icon_Medic_Help.png

གལ་ཏེ་ཁྱོད་ལ་ལུས་པགས་ལ་རྨ་ཁ་ཡོད་ཚེ། Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

ལུས་ལ་རྨ་ཁ་ཡོད་པ་ནི་རྨས་སྐྱོན་བྱུང་བའི་རྐྱེན་རེད། རྨ་ཁ་དུས་ལྟར་མ་སེལ་ཚེ་གཤམ་གྱི་ནད་རིགས་དག་ཡང་ཡོད།

མགྲིན་ནད།

Durchfall.png

གལ་ཏེ་ཁྱོད་རང་ཉིན་རེ་ཐེངས་གསུམ་ཡན་ལ་གཙང་སྤྱོད་ཁང་དུ་འགྲོ་བའམ་སྐྱག་པ་བཤེར་ཁུ་རྣམ་པ་ཡིན་ཚེ། ཁོག་པ་བཤལ་བའི་ནད་རེད།  དེ་འགོས་ནད་རང་བཞིན་ན་ཚ་བྱུང་བའི་རྟགས་ཡིན།

Icon_Medic_Help.png

ཁྱོད་རང་ལ་ཁོག་པ་བཤལ་ཚེ། Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

Icon_Trinken.png

ཆུ་མང་པོ་དང་ཇ་ཉུང་ཉུང་འཐུང་རྒྱུ།

Icon_Haende_waschen.png

རྒྱུན་པར་འདག་རྫས་ཀྱི་ལག་པ་བཀྲུ་རོགས། འགོས་ནད་འགོག་པར་སྔོན་འགོག་བྱེད་དགོས།

ཁོག་པ་བཤལ་བ་ནི་ནད་རིགས་མི་འདྲ་བའི་ནད་རྟགས་རེད། གཤམ་གྱི་ནད་རིགས་དག་ཡང་ཡོད།

ཕོ་བ་དང་རྒྱུ་མའི་གཉན་ཚད།

Erbrechen.png

སྐྱུག་པ་ནད་རིགས་མི་འདྲ་བའི་ནད་རྟགས་རེད།  དེ་འགོས་ནད་རང་བཞིན་ན་ཚ་བྱུང་བའི་རྟགས་ཡིན།

Icon_Medic_Help.png

ཁྱོད་ལ་སྐྱུག་རྒྱུ་ལངས་ཚེ། Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

Icon_Trinken.png

ཆུ་མང་པོ་དང་ཇ་ཉུང་ཉུང་འཐུང་རྒྱུ།

Icon_Haende_waschen.png

རྒྱུན་པར་འདག་རྫས་ཀྱི་ལག་པ་བཀྲུ་རོགས། འགོས་ནད་འགོག་པར་སྔོན་འགོག་བྱེད་དགོས།

སྐྱུག་པ་ནད་རིགས་མི་འདྲ་བའི་ནད་རྟགས་རེད། གཤམ་གྱི་ནད་རིགས་དག་ཡང་ཡོད།

ཕོ་བ་དང་རྒྱུ་མའི་གཉན་ཚད།

Schlechter_Schlaf.png

གལ་ཏེ་ཁྱོད་ལ་བསྟུད་མར་གཉིད་མི་ཁུག་པ་དང་རྒྱུ་མཚན་མེད་པར་སེམས་ཁྲལ་ཡོད་ཚེ། དེ་ནི་སེམས་ཁམས་ཀྱི་ནད་བྱུང་བའི་རྟགས་རེད། རྒྱུ་མཚན་མེད་པའི་ན་ཚ་ཡང་དེ་བཞིན་ནོ།

Icon_Medic_Help.png

གལ་ཏེ་ཁྱོད་ཀྱི་གཉིད་རྒྱུན་ལྡན་མིན་པ་དང་ན་ཚ་སོགས་བཤད་མི་ཤེས་ཚེ།  Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

གཉིད་མིི་ཁུག་པ། རྒྱུ་མཚན་མེད་པར་སེམས་ཁྲལ་ཆེ་བ།  ན་ཚ་སོགས་གསལ་བཤད་བྱེད་མི་ཤེས་ཚེ། གཤམ་གྱི་ནད་རིགས་དག་ཡང་ཡོད།

སྨྱོ་ནད། སེམས་ཁམས་ཀྱི་ནད།

Weitere_Beschwerden_w.png

དྲ་ངོས་འདི་ནི་གཙོ་བོ་འགོས་ནད་རང་བཞིན་གྱི་གནས་ཚུལ་སྐོར་ཡིན།

ད་དུང་ན་ཚ་གཞན་དག་ཡོད་པ་དང་།  ཁྱོད་རང་ན་ཚ་བྱུང་བའམ་བདེ་ཐང་སྐོར་གྱི་གནད་དོན་ཡོད་ཚེ་ཁྱོད་ཀྱིས་Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

BAG-Logo-de EDI_BAG_e_RGB_pos_hoch.png
Datenschutzerklärung