ནད་བྱུང་ཚེ་ཅི་ལྟར་བྱེད་དགོས།

འགེབས་སྲུང་ལྟེ་གནས་དང་བཤོད་སྒྲིག་ལྟེ་གནས་སོ་སོ་ལ་ཆེད་ལས་སྨན་བཅོས་མི་སྣ་ཡོད།༼Medic-Help༼ནད་གཡོག་ཆེད་མཁས༽
གལ་ཏེ་ཁྱོད་ཀྱིས་སྨན་བསྟེན་པ།  མངལ་ཆགས་པ། ན་ཚ་བྱུང་བའམ་བདེ་ཐང་སྐོར་གྱི་གནད་དོན་ཡོད་ཚེ་ཁོང་ཚོར་འབྲེལ་བ་བྱ་རོགས། ཆེད་ལས་མི་སྣ་དག་གིས་ཁྱོད་ལ་སྨན་བཅོས་བྱེད་པ་དགོས་ངེས་ཡོད་ཚེ་སྨན་པ་དང་སྨན་ཁང་ལ་སྐྱེལ་ངེས།

Medic-Help༼ནད་གཡོག་ཆེད་མཁས༽ སྒོ་རྒྱབ་ཡོད་ཚེ། ཁྱོད་ཀྱིས་ལྟ་རྟོག་མི་སྣའམ་བདེ་སྲུང་མི་སྣ་བཤད་རོགས། 

ཁྱོད་ཀྱི་བདེ་ཐང་གི་གནས་ཚུལ་དང་ན་ཚའི་སྐོར་གྱི་གནས་ཚུལ་གསང་བ་དམ་སྲུང་བྱེད་ངེས།

དོན་དག་ཡོད་ཚེ་ཐོག་མར་Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།  གནས་ཚུལ་ཛ་དྲག་ཡིན་ཚེ་ཐད་ཀར་སྨན་ཁང་ལ་འགྲོ་དགོས།

Icon_Medic_Help.png

གལ་ཏེ་ཁྱོད་དང་ཁྱོད་ཀྱི་བྱིས་པ་ལ་ན་ཚ་བྱུང་བའམ་བདེ་ཐང་སྐོར་གྱི་གནད་དོན་ཡོད་ཚེ། Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

 

འགེབས་སྲུང་ལྟེ་གནས་གཞན་པའི་སྨན་བཅོས་ལྟ་རྟོག

འགེབས་སྲུང་ལྟེ་གནས་གཞན་པའི་མི་ལ་བདེ་ཐང་གི་གནད་དོན་ཡོད་ཚེ། ཁྱོད་ཀྱིས་ས་གནས་དེ་ནས་གནས་ཚུལ་གསལ་པོ་ཤེས་ཐུབ།