སི་ཝེས་ཙེར་གྱི་སྨན་བཅོས་ཁམས་སྲུང་།

སི་ཝེས་ཙེར་གྱི་མི་ཚང་མར་སྨན་བཅོས་ཁམས་སྲུང་ཐད་ཀྱི་དབང་ཆ་ཡོད།  འགེབས་སྲུང་ལྟེ་གནས་ནས་ཁྱོད་ཀྱིས་ཐོག་མར་Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

ཐོག་མར་ཁྱིམ་ཚང་སྨན་པ་བལྟ་རོགས།

སི་ཝེས་ཙེར་ནས་ཁྱིམ་ཚང་སྨན་པ་ནི་ནད་གཞི་དང་དོན་རྐྱེན་མ་བྱུང་སྔོན་གྱི་ས་ཚིགས་དང་པོ་ཡིན།ཁོ་ཚོའི་ཁྱོད་ལ་སྨན་བཅོས་བྱ་ངེས།  དགོས་ངེས་ཆེ་དུས་ཁྱོད་སྨན་ཁང་དང་ཆེད་ཚན་སྨན་པ་ལ་སྤྲོད་ངེས།

ཁྱིམ་ཚང་སྨན་པས་ཁྱོད་ཀྱི་ནད་རྟགས་དང་ན་བའི་ལོ་རྒྱུས་ཤེས་ཚེ། སྨན་བཅོས་བྱེད་པ་ཕན་པ་ཆེན་པོ་ཡོད།  ཁྱོད་ཀྱིས་ནམ་ཡང་ཁྱིམ་ཚང་སྨན་པ་གཅིག་ལ་བསྟེན་རྒྱུ་མཁྱེན།

Icon_Medic_Help.png

གལ་ཏེ་ཁྱོད་ལ་ནད་བྱུང་ཚེ། ཐད་ཀར་སྨན་ཁང་ལ་མི་འགྲོ་བར་ཐོག་མར་ཁྱིམ་ཚང་སྨན་པ་བཙལ་རོགས།

Icon_Medic_Help.png

གནས་ཚུལ་ཚབས་ཆེན་དང་ཕྲུ་གུ་སྐྱེས་དུས་སྨན་ཁང་ལ་འགྲོ་དགོས།

འགེབས་སྲུང་ལྟེ་གནས་གཞན་པ་ནས་སྨན་བཅོས་ལྟ་རྟོག

གལ་ཏེ་ཁྱོད་ཀྱིས་ཉེན་གཡོལ༼Nརིགས་ཀྱི་བདེན་དཔང་།༽སསྲུང་སྐྱོབ S ༽གནས་སྐབས་ཀྱི་བསྡུ་ཉར F ༽སསོགས་ཀྱི་སྙན་ཞུ་བྱས་ཡོད་ཚེ་རྒྱལ་ཕྲན་མཉམ་འབྲེལ་ཅུས་ཀྱི་ཁྱོད་ལ་བདེ་ཐང་འགན་ལེན་འགན་རྒྱ་འཇོག་ངེས། གལ་ཏེ་ཁྱོད་ལ་གནས་བཅས་ཆོག་པའི་༼Bརིགས་Cརིགས་ཀྱི་བདེན་དཔང༽ཁྱོད་རང་གིས་འགན་ལངས་ནས་ཉེན་འགོན་འགན་ལེན་ཡོད་དགོས།

སྨན་པ་དང་སྨན་བཅོས་མི་སྣ་ཡོངས་ལ་གསང་རྒྱའི་འོས་འགན་ཡོད་པས།  ཁོ་ཚོས་ཁྱོད་ཀྱི་ནད་གཞིའི་གནས་ཚུལ་མི་གཞན་པར་བསྒྲགས་མི་ཆོག དེ་བས་ཁྱོད་ཀྱི་ཆོག་མཆན་ཐོབ་དགོས།