ནད་རིགས།

ཁྱོད་རང་ལ་རྒྱུན་པར་ནད་རིགས་ཤིག་ཡོད་དམ། ཁྱོད་ཀྱིས་དུས་ལྟར་སྨན་བསྟེན་རྒྱུ་ཡོད་དམ། ཁྱོད་རང་ཕ་ཡུལ་དང་བྲོས་བྱོལ་ཁྲོད་ནད་བཅོས་བྱས་མྱོང་ངམ།

Icon_Medic_Help.png

Medic-Help༼ནད་གཡོག་ཆེད་མཁས༽བཙལ་ནས་ཁྱོད་ཀྱི་གནས་ཚུལ་གསལ་བཤད་བྱེད་རོགས།

ནད་གཞི་ལ་ལ་ཞིག་ལ་འགོས་ནད་རང་བཞིན་ལྡན།  གཙོ་བོ་ནད་རིགས་དེ་མི་གཅིག་བརྒྱུད་ནས་མི་གཞན་པར་འགོས་སྲིད།   དེ་མཁའ་དབུགས།  གཙང་མ་མིན་པའི་ལག་པ། ལུས་ཁྲག་དང་ཆགས་སྤྱོད་བརྒྱུད་ནས་འགོས་སྲིད། དེ་མིན་ཁ་སྐྱུག  གཤང་གཅིའམ་ཐད་ཀར་ཐུག་ནས་འགོས་སྲིད།

Icon_Medic_Help.png

གལ་ཏེ་ཁྱོད་ལ་ན་ཚ་བྱུང་ཚེ། Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས། དེའེི་ཁྱོད་དང་ཁྱོད་ཀྱི་ཉེ་འཁོར་གྱི་མི་སྲུང་སྐྱོབ་བྱེད་ཐུབ།

ཆགས་སྤྱོད་བྱེད་དུས་མཚན་སྲིན། ཆུ་བུར། རེག་དུག་འམ་གཉན་ཚད་རྒྱས་པ་སོགས་ཀྱི་ནད་འབྱུང་སྲིད། དེ་ལས་བྱུང་བའི་ནད་རྟགས་ནི་གྲང་བ་དཀར་པོ། ཟ་འཕྲུག་ལངས་པ། སྐྲངས་སྦོས། ཟགས་རལ་འམ་སྐྱེ་འཕེལ་མ་ལག་ན་བ་སོགས་བྱུང་།  ཡང་ན་ཁྱོད་ལ་གཉན་ཚད་རྒྱས་རུང་ན་ཚ་མེད་པའི་གནས་ཚུལ་ཡང་ཡོད་ངེས།

Icon_Kondome.png

རང་ལ་ཆགས་སྤྱོད་འགོས་ནད་བྱུང་བའི་ནད་སྔོན་འགོག་བྱེད་དགོས་ཚེ། ཆགས་སྤྱོད་བྱེད་དུས་སྲུང་ཤུབས་གོན་དགོས།  སྲུང་ཤུབས་འགེབས་སྲུང་ལྟེ་གནས་དང་སྨན་ཚོང་ཁང་། རྒྱུན་མཁོ་རྫས་འགྱུར་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་མང་ཆེ་ཤས་སོགས་ནས་ཉོ་ཐུབ།

Icon_Medic_Help.png

གལ་ཏེ་ཁྱོད་ལ་ཆགས་སྤྱོད་འགོས་ནད་ཀྱི་ནད་རྟགས་ཡོད་ཚེ། Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

Icon_Medic_Help.png

གལ་ཏེ་ཁྱོད་ཀྱི་སྲུང་ཤུབས་མ་གོན་པར་འགོས་ནད་བྱུང་ཡོད་མེད་ཤེས་འདོད་ཚེ། Medic-Help༼ནད་གཡོག་ཆེད་མཁས༽བློ་འདྲི་རོགས། འགོས་ནད་བྱུང་ནས་ན་ཟུག་ཡོད་རེག་བར་དུ་མི་བསྐྱུར་རོགས།

ཨེ་ཙི་ནད་ནི་རིམས་འགོག་ནུས་པ་ཉམས་དམས་སུ་གཏོང་བའི་ནད་དུག་ཅིག་རེད། ཁྱོད་ལ་ནད་དུག་དེ་ཡོད་རུང་ན་ཚ་མེད་ངེས།  གལ་ཏེ་ཁྱོད་ཀྱིས་སྨན་གང་ཡང་མི་བསྟེན་ཚེ། ནད་དུག་གིས་ཁྱོད་ཀྱི་ལུས་ཟུངས་ཟད་ནས་ནད་འབྱུང་ངེས། དེ་ནི་རྒྱུན་པར་བཤད་པའི་ཨེ་ཙི་ནད་རེད།

ནད་རིགས་འདི་དག་ནི་ཁྲག་རིགས།   གཙང་སྤྲ་མིན་པའི་སྲུང་ཤུབས་ཀྱི་ཆགས་སྤྱོད། བཀོལ་སྤྱོད་བྱེད་ཟིན་པའི་སྨན་ཁབ།   ཨ་མའི་ནད་སྐྱེས་མེད་པའི་ཕྲུ་གུ་ལ་འགོས་པ།  གལ་ཏེ་ཁྱོད་ལ་ནད་དུག་འདི་འགོས་ནས་ན་ཚ་ཅི་ཡང་མེད་རུང་མི་གཞན་པར་འགོས་སྲིད།

ཨེ་ཙི་ནད་དུག  ཨེ་ཙི་ནད་བཅོས་ཐབས་བྲལ།   སྨན་རྫས་ཀྱི་ནད་དུག་ཚོད་འཛིན་དང་ན་བབ་ཇེ་ཡང་དུ་གཏོང་ཐུབ།

Icon_Kondome.png

རང་ཉིད་ཨེ་ཙི་ནད་དུག་གི་མི་འགོས་པརསྔོན་འགོག་དང་་སྲུང་སྐྱོབ་བྱ་ཐུབ།ཆགས་སྤྱོད་བྱེད་དུས་སྲུང་ཤུབས་གོན་དགོས།  སྲུང་ཤུབས་འགེབས་སྲུང་ལྟེ་གནས་དང་སྨན་ཚོང་ཁང་། རྒྱུན་མཁོ་རྫས་འགྱུར་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་མང་ཆེ་ཤས་སོགས་ནས་ཉོ་ཐུབ།

Icon_Spritze.png

ནད་དུག་སྔོན་འགོག་ཆེད་སྡོད་རྩར་དུག་རྫས་རྒྱག་དུས་ནམ་ཡང་གཙང་དག་དང་བཀོལ་སྤྱོད་བྱེད་མེད་པའི་སྨན་ཁབ་བཀོལ་དགོས།

Icon_Medic_Help.png

གལ་ཏེ་ཁྱོད་ཀྱི་སྲུང་ཤུབས་མ་གོན་པར་ཨེ་ཙི་ནད་དུག་དང་འགོས་ནད་གཞན་དག་བྱུང་ཡོད་མེད་ཤེས་འདོད་ཚེ། Medic-Help༼ནད་གཡོག་ཆེད་མཁས༽བློ་འདྲི་རོགས། འགོས་ནད་བྱུང་ནས་ན་ཟུག་ཡོད་རེག་བར་དུ་མི་བསྐྱུར་རོགས།

འདུས་འདྲིལ་གཅོང་ནད་བྱུང་ཡོད་པའིི་ནད་པ་ལ་བསྟུད་མར་གཟའ་འཁོར་གསུམ་ལ་གློ་ལུ་བ།  ཚ་བ་རྒྱས་པ། གྲང་རྔུལ་ཐོན་པ། ཤ་རིད་པ་སོགས་ཀྱི་སྣང་ཚུལ་ཡོད། ལུས་པོ་བདེ་ཐང་ཡིན་པའི་མིའི་ནད་པའི་ཁ་རླངས་རྔུབ་ཚེ་འདུས་འདྲིལ་གཅོང་ནད་བྱུང་ཉེན་ཆེ།

འདུས་འདྲིལ་གཅོང་ནད་བྱུང་བའི་ནད་པ་ནི་ཉེན་ཁ་ཆེ།  གལ་ཏེ་སྔ་མོ་ནས་ནད་ངོས་ཟིན་ཚེ་བཅོས་ཐབས་ཡོད། སྨན་བཅོས་མ་མཐར་ཡང་ཟླ་དྲུག་ལ་བྱེད་དགོས།

Icon_Medic_Help.png

གལ་ཏེ་ཁྱོད་ལ་འདུས་འདྲིལ་གཅོང་ནད་ཀྱི་ནད་རྟགས་ཡོད་པའམ་སྔོན་ལ་འདུས་འདྲིལ་གཅོང་ནད་བྱུང་ནས་སྨན་བཅོས་བྱས་བྱུང་བ།  དེ་མིན་ནད་དེ་ཡོད་པའི་ནད་པ་དང་འབྲེལ་འདྲིས་ཡོད་ཚེ་ Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

ཆང་བཅུད།  དུག་རྫས་ཡང་ན་དངོས་རྫས་གཞན་དག་སོགས་ལོབ་པ་ཚེ་དངོས་རྫས་དེ་དག་གིས་མིའི་བདེ་ཐང་ལ་གནོད་པ་ཡོད་པས་ཁྱོད་ཀྱིས་གཅོད་རོགས།

སྡོད་རྩ་བརྒྱུད་ནས་དུག་རྫས་འཐེན་དུས། ནད་དུག་ཁྲག་རྒྱུན་བརྒྱུད་ནས་འགོས་སྲིད། དཔེར་ན་བཀོལ་སྤྱོད་བྱས་ཟིན་པའི་སྨན་ཁབ་བཀོལ་ན་ཡང་ནད་དུག་འགོ་སྲིད།

Icon_Spritze.png

གལ་ཏེ་ཁྱོད་ཀྱི་དུག་རྫས་གཅོད་མི་ཐུབ་ཚེ་དུས་ནམ་ཡང་དག་གཙང་དང་བཀོལ་སྤྱོད་བྱེད་མེད་པའི་སྨན་ཁབ་བཀོལ་དགོས།

Icon_Medic_Help.png

འདོད་པ་དེ་ལོབ་པ་ལ་སྨན་བཅོས་ཀྱིས་ཚད་ཇེ་ཡང་དུ་གཏོང་ཐུབ། Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

དཔེར་ན་དམག་འཁྲུག   བྲོས་བྱོལ།   མནར་གཅོད། བཙན་གཡེམ་སོགས་བརྗེད་དཀའ་བའི་ལོ་རྒྱུས་དང་དྲག་སྤྱོད་སོགས་མྱོང་ཡོད་ཚེ་གཟུགས་པོ་དང་སེམས་ཁམས་ཀྱི་ནད་རིགས་བྱུང་ངེས། ཨ་རག་ལ་མྱོས་པ་སོགས་ཀྱང་དེའི་སྐོར་ལ་འབྲེལ་བ་ཡོད་སྲིད།

ནད་པ་མང་པོ་ཞིག་གིས་སེམས་ཁམས་ཀྱི་ནད་གླེང་འདོད་མེད། དེ་ཡང་ནད་གཞི་གཞན་དང་འདྲ་བར་གདེང་འཇོག་བྱེད་དགོས།

སེམས་ཁམས་ཀྱི་ནད་བྱུང་ཚེ་རྒྱུན་པར་གཉིད་མི་ཁུག་པ། རྨི་ལམ་འཚུབ་པོ། བཤད་མི་ཤེས་པའི་ན་ཚ་དང་ནད་རྟགས་སོགས།

Icon_Medic_Help.png

སེམས་ཁམས་ཀྱི་ནད་ནི་གསོ་བཅོས་བྱ་ཐུབ་པའི་ཁྱོད་ཀྱིས Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

ཆུ་ཐོར་ནི་འགོས་སླ་བའི་ནད་རིགས་ཅིག་ཡིན་པས།  ནད་རྟགས་ཆེ་ཤོས་ནི་ཚ་བ་རྒྱས་པ་དང་པགས་འབྲུམ། ཐོག་མར་མདོག་དྭངས་པའི་ཆུ་ཝུ་ཡོད། དེ་ལ་ཆུ་བུར་འགོག་སྨན་བསྟེན་ཆོག

Icon_Medic_Help.png

གལ་ཏེ་ཁྱོད་ཀྱི་བྱིས་པ་ལ་ཆུ་བུར་བྱུང་ཚེ།  Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

Icon_Medic_Help.png

གལ་ཏེ་ཁྱོད་ལ་ཆུ་བུར་བྱུང་མ་མྱོང་ཚེ། འགོག་སྨན་རྒྱག་རོགས།  དེ་ལ་ཁྱོད་ཀྱིས Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

སིབ་བི་བྱུང་ཡོད་ཚེ་ཚ་བ་རྒྱས་པ། མིག་དམར་ཚག གློ་ལུ་བ་དང་པགས་འབྲུམ་དམར་པོ་སོགས་ནད་རྟགས་ཡོད། དེ་ལ་སིབ་བི་འགོག་སྨན་རྒྱག་དགོས།

Icon_Medic_Help.png

གལ་ཏེ་ཁྱོད་ཀྱི་བྱིས་པ་ལ་སིབ་བི་ནད་རྟགས་དེ་དག་ཡོད་ཚེ་ Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

Icon_Medic_Help.png

གལ་ཏེ་ཁྱོད་ལ་སིབ་བི་བྱུང་མྱོང་མེད་ཚེ་དུས་ལྟར་འགོག་སྨན་རྒྱག་དགོས། དེ་ལ་ཁྱོད་ཀྱིས་Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

མགྲིན་ནད་ནི་དབུགས་ལམ་དང་པགས་རིགས་ཀྱི་ནད་ཅིག་ཡིན། དེ་རིགས་གཉིས་ཡོད།

དེ་རིགས་གཉིས་ཡོད། གྲེ་བའི་མགྲིན་ནད་དང་པགས་པའི་མགྲིན་ནད་གཉིས་རེད། གྲེ་བའི་མགྲིན་ནད་ལ་མགྲིན་པ་ན་བ། ཚ་བ་རྒྱས་པ། ཟས་ཁྱུར་མིད་གཏོང་དུས་མགྲིན་པ་ན་བ་བཅས་ཡོད། པགས་པའི་མགྲིན་ནད་གཙོ་བོ་ནི་རྨ་ཁ་སོས་པ་མི་བཟང་པ། དེ་དག་ལ་མགྲིན་ནད་ཀྱི་འགོག་སྨན་རྒྱག་དགོས།

Icon_Medic_Help.png

གལ་ཏེ་ཁྱོད་དང་ཁྱོད་ཀྱི་བྱིས་པ་མགྲིན་ནད་བྱུང་ཚེ་ Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

Icon_Medic_Help.png

ཐོག་མར་བློ་འདྲི་བ། གལ་ཏེ་ཁྱོད་ལ་སིབ་བི་བྱུང་མྱོང་མེད་ཚེ་དུས་ལྟར་འགོག་སྨན་རྒྱག་དགོས། དེ་ལ་ཁྱོད་ཀྱིས་Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

གཡན་པ་ནི་རྒྱུན་མཐོང་གི་པགས་རིགས་ཀྱི་ནད་ཅིག་ཡིན། དེ་ནི་ལུས་པགས་ལ་སྲིན་འབུ་འཛུལ་ནས་བྱུང་བ་ཞིག་ཡིན། 

ལུས་སྟེང་གི་ནད་རྟགས་གཙོ་བོ་ནི་ཟ་འཕྲུག་ཆེན་པོ་ལངས་པ། ཐོར་པ་དང་པགས་འབྲུམ་སོགས་རྒྱུན་པར་སྐྱེ་འཕེལ་མ་ལག  མཛུབ་མོ་བར། ལག་པའི་ལྷུ་ཚིགས་དང་ལྷུ་ཚིགས་གཞན་པ་བར། ད་དུང་མཆན་ཁུང་དང་ནུ་མགོ་ཡང་འབྱུང་སྲིད། 

ནད་རིགས་འདི་མི་ཕན་ཚུན་བར་གྱི་ལུས་པགས་འཕྲད་ཚེ་འགོ་སྲིད།

Icon_Medic_Help.png

གལ་ཏེ་ཁྱོད་དང་ཁྱོད་ཀྱི་བྱིས་པ་ལ་གཡན་པ་བྱུང་ཚེ་ཁྱོད་ཀྱིས་ Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

ཕོ་རྒྱུ་གཉན་ཚད་བྱུང་ཚེ་ནད་རྟགས་ནི་ཞེན་ཁ་ལོག་པ།  སྐྱུག་པ་དང་ཁོག་པ་བཤལ་པ། ལན་རེ་ཚ་བ་རྒྱས་པ་དང་ཕོ་བ་ན་བ་སོགས་ཀྱི་རྟགས་ཀྱང་ཡོད། ནད་པ་དུས་ཚོད་ཐུང་ངུའི་ནང་ལུས་སྟེང་གི་ཆུ་མང་པོ་ཤོར་འགྲོ།

Icon_Medic_Help.png

གལ་ཏེ་ཁྱོད་ལ་ཕོ་རྒྱུའི་གཉན་ཚད་ཀྱི་ནད་རྟགས་ཡོད་ཚེ་Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

Icon_Trinken.png

ཁྱོད་ཀྱིས་ཆུ་མང་པོ་དང་ཇ་ཉུང་ཉུང་འཐུང་རྒྱུ།

Icon_Haende_waschen.png

རྒྱུན་པར་འདག་རྫས་ཀྱི་ལག་པ་བཀྲུ་རོགས། འགོས་ནད་འགོག་པར་སྔོན་འགོག་བྱེད་དགོས།

ད་དུང་ནད་རིགས་གཞན་དག  འདི་ནས་གཙོ་བོ་འགོས་སླ་བའི་ནད་རིགས་ཀྱི་གནས་ཚུལ་བཙལ་ཐུབ།

Icon_Medic_Help.png

གལ་ཏེ་ཁྱོད་ལ་འདི་ནས་བཤད་པའི་ནད་རྟགས་དེ་དག་དང་མི་མཐུན་ཚེ། ཁྱོད་ཀྱིསMedic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

Datenschutzerklärung